|
- 罗布桑珠 我来了 歌词
- 罗布桑珠
- ༺ ང་སླེབས་ཡོད། ༻
རྣམ་ཐར། བསྟན་ཆོས། ཚིག་གདངས་གཞས་པ། ནོར་བུ་བསམ་གྲུབ། སེམས་པ་མ་སྐྱོ། འདི་ལ་གསན་དང་། ནུས་ཤུགས་ཡོད་རྒུས་སྤྲོ་སྣང་འབུལ་མཁན་བུ་ཆུང་ང་སླེབས་ཡོད། ང་ནི་སུ་ཡིན། ཁྱེད་ཚོས་ཤེས་སམ། ང་ནི་གླུ་གཞས་ལ་ཧ་ཅང་དགའ་བའི་བུ་ཆུང་ནོར་བསམ་ཡིན། ཡང་བསྐྱར་གཅིག སེམས་པ་མ་སྐྱོ། འདི་ལ་གསན་དང་། ནུས་ཤུགས་ཡོད་རྒུས་སྤྲོ་སྣང་འབུལ་མཁན་བུ་ཆུང་ང་སླེབས་ཡོད། ང་ནི་སུ་ཡིན། ཁྱེད་ཚོས་ཤེས་སམ། ང་ནི་གླུ་གཞས་ལ་ཧ་ཅང་དགའ་བའི་བུ་ཆུང་ནོར་བསམ་ཡིན། ལང་ཚོ་ཐུང་ཐུང་། ཇི་འདྲ་བསྐྱལ་དགོས། ང་ཡི་གླུ་གཞས་འདི་ལ་གསན་ནས་བདེ་སྐྱིད་འཚོ་བ་བསྐྱལ་དགོས། གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་། སེམས་པ་མ་སྐྱོ། འདི་ལ་གསན་དང་། ནུས་ཤུགས་ཡོད་རྒུས་སྤྲོ་སྣང་འབུལ་མཁན་བུ་ཆུང་ང་སླེབས་ཡོད། ང་ནི་སུ་ཡིན། ཁྱེད་ཚོས་ཤེས་སམ། ང་ནི་གླུ་གཞས་ལ་ཧ་ཅང་དགའ་བའི་བུ་ཆུང་ནོར་བསམ་ཡིན། ལང་ཚོ་ཐུང་ཐུང་། ཇི་འདྲ་བསྐྱལ་དགོས། ང་ཡི་གླུ་གཞས་འདི་ལ་གསན་ནས་བདེ་སྐྱིད་འཚོ་བ་བསྐྱལ་དགོས། ཚང་མ་ཚང་མ་འདི་ལ་གསན་དང་། བུ་ཆུང་ང་ཡི་གླུ་ལ་གསན་དང་། ང་ནི་ཕུགས་བསམ་ཡོད་ལ། དེ་ལ་འབད་བརྩོན་བྱེད་མཁན་གྱི་ན་གཞོན་ཞིག་ཡིན། ང་དང་འདྲ་བའི་ན་གཞོན་ཚོ། དཀའ་ལས་རྒྱག་དགོས་སྐྱིད་པོ་བྱེད་དགོས། ཕ་མའི་བཀའ་དྲིན་འཇལ་ཐུབ་པ་བྱེད་དགོས། རྒན་པ་རྣམས་ལ་གུས་ཞབས་བརྩི་འཇོག་བྱེད་དགོས། ཆུང་བ་རྣམས་ལ་བརྩི་བཀུར་བྱམས་ཀྱིས་སྐྱོང་དགོས། ཡ་རབས་དགོས། སེམས་དྲང་པོ་དགོས། ཕུགས་བསམ་དང་ལེགས་སྐྱེས་འབུལ་བར། འབད་བརྩོན་བྱེད་ཤེས་པ་དགོས། འདི་ལྟར་སེམས་ཤུགས་ཡོད་པའི་ན་གཞོན་ཚོ། ང་དང་མཉམ་དུ་གླུ་འདི་གཏོང་། ཨོའོ་་་་་་་ཨོའོ་་་་་་་ ལས་དང་རྒྱུ་འབྲས་ལ་སྲུང་དགོས། མི་ལ་རྣམ་འགྱུར་ལེགས་པོ་དགོས། ཤེས་བྱ་རིག་གནས་ལ་བརྩོན་དགོས། ཨོའོ་་་་་་་ཨོའོ་་་་་་་ སྔོན་ལ་འབད་བརྩོན་ལྷོད་མེད་བྱེད། དེ་ནས་སྐྱིད་པོ་ང་ཚོའི་རེད། ལང་ཚོ་བེད་སྤྱོད་ལེགས་པོ་གཏོང་དགོས། ཨོའོ་་་་་་་ཨོའོ་་་་་་་ ལང་ཚོ་ཐུང་ཐུང་། ཇི་འདྲ་བསྐྱལ་དགོས། ང་ཡི་གླུ་གཞས་འདི་ལ་གསན་ནས་བདེ་སྐྱིད་འཚོ་བ་བསྐྱལ་དགོས། སེམས་པ་མ་སྐྱོ། འདི་ལ་གསན་དང་། ནུས་ཤུགས་ཡོད་རྒུས་སྤྲོ་སྣང་འབུལ་མཁན་བུ་ཆུང་ང་སླེབས་ཡོད། ང་ནི་སུ་ཡིན། ཁྱེད་ཚོས་ཤེས་སམ། ང་ནི་གླུ་གཞས་ལ་ཧ་ཅང་དགའ་བའི་བུ་ཆུང་ནོར་བསམ་ཡིན། ཡང་བསྐྱར་གཅིག སེམས་པ་མ་སྐྱོ། འདི་ལ་གསན་དང་། ནུས་ཤུགས་ཡོད་རྒུས་སྤྲོ་སྣང་འབུལ་མཁན་བུ་ཆུང་ང་སླེབས་ཡོད། ང་ནི་སུ་ཡིན། ཁྱེད་ཚོས་ཤེས་སམ། ང་ནི་གླུ་གཞས་ལ་ཧ་ཅང་དགའ་བའི་བུ་ཆུང་ནོར་བསམ་ཡིན། ཐུགས་ཆེ་གནང་།
|
|
|