|
- 谢旦 玛域甘德 歌词
- 谢旦
- རྨ་ཆེན་གངས་རིའི་འདབ་ན།།
གངས་ལྷ་མེ་ཏོག་བཞད་ཡོད།། མེ་ཏོག་འདབ་ལག་རྒྱས་ཡོད།། གངས་སེང་གཡུ་རལ་ཅན་པོ།། མི་རིང་མྱུར་དུ་ཕེབས་ཤོག།
གཉན་པོ་གཡུ་རྩེའི་འདབ་ན།། གཡུ་ཡི་མཚོ་མོ་འཁྱིལ་ཡོད།། མཚོ་མཐའ་པད་མས་བརྒྱན་ཡོད།། ལྷ་བྱ་ངང་བ་སེར་བོ།། མི་རིང་མྱུར་དུ་ཕེབས་ཤོག།
རྨ་ཡུལ་དགའ་བདེའི་ཡུལ་ན།། སྔོ་ལྗང་གཡུ་ལོ་རྒྱུས་ཡོད།། གཡུ་ལོ་རྩི་བཅུད་ལྡན་ཡོད།། ཅང་ཤེས་རྟ་མཆོག་རྒོད་པོ།། མི་རིང་མྱུར་དུ་ཕེབས་ཤོག།
|
|
|