|
- 泽旺拉姆 孜朱修学院 歌词
- 泽旺拉姆
- ༧ རྩེ་དྲུག་བཤད་སྒྲུབ་སློབ་གླིང་།
ཚིག ཤེས་རབ་ཕུན་ཚོགས་སམ་ཁྲ་ཉག་ཕྲན། དབྱངས། པད་མ། ལེན་མཁན། ཚེ་དབང་ལྷ་མོ། ངུར་སྨྲིག་གཟི་མདངས་རྒྱས་ཤིང་། ། བསླབ་གསུམ་ཁྲིམས་ཀྱིས་མཛེས་པའི། ། སློབ་ཚོགས་བརྒྱ་ཕྲག་དུ་མས། ། འཆད་རྩོད་རྩོམ་པའི་ཕ་ས། ། རྩེ་དྲུག་བཤད་སྒྲུབ་སློབ་གླིང་། ། ཨེ་མ།—མ་ཡུམ་སློབ་གླིང་། ཨེ་མ།—མ་ཡུམ་སློབ་གླིང་། ཁྱེད་ནི་ཞང་ཞུང་སྒོ་པའི་འདུ་གནས་ཡིན། ཀུན་གསལ་མཁྱེན་བརྩེའི་དབུས་སུ། ། ལུང་རིགས་ཆུ་འཛིན་འཁྲིགས་པའི། ། བཅུ་རིག་སྨྲ་བའི་མཁས་པས། ། ལེགས་བཤད་གྲུ་ཆར་འཇོ་ས། ། རྩེ་དྲུག་བཤད་སྒྲུབ་སློབ་གླིང་། ། ཨེ་མ།—མ་ཡུམ་སློབ་གླིང་། ཨེ་མ།—མ་ཡུམ་སློབ་གླིང་། ཁྱེད་ནི་ཞང་བོད་རིག་པའི་ལྟེ་བ་ཡིན། ཤེས་རིག་ཡོན་ཏན་ཆེ་ཞིང་། ། མི་གཞི་ཀུན་སྤྱོད་བཟང་བའི། ། ངེས་དོན་བཤེས་གཉེན་རྣམས་ཀྱིས། ། སློབ་བུ་གཅེས་སྐྱོང་གནང་ས། ། རྩེ་དྲུག་བཤད་སྒྲུབ་སློབ་གླིང་། ། ཨེ་མ།—མ་ཡུམ་སློབ་གླིང་། ཨེ་མ།—མ་ཡུམ་སློབ་གླིང་། ཁྱེད་ནི་སློབ་ཚོགས་སྟོང་གི་འདུ་ར་ཡིན། ཨེ་མ།—མ་ཡུམ་སློབ་གླིང་། ཨེ་མ།—མ་ཡུམ་སློབ་གླིང་། ཁྱེད་ནི་སློབ་ཚོགས་སྟོང་གི་འདུ་ར་ཡིན། 歌词大意
|
|
|