|
- 完玛三智 传奇 歌词
- 完玛三智
- ༺ སྙིང་གི་བྱམས་པ། ༻
གཞས་པ། པདྨ་བསམ་འགྲུབ། སྒྲིག་སྦྱོར་བ། བྱ་མདོ་དཔལ་མགོན་ཚེ་རིང་། གླེང་མོལ་ཨང་གྲངས། ༥༩༦༩༤༢༠༣༧ ࿉ ࿉ ࿉ སྡེ་ཆེན་གྲོང་ནས་ཁྱེད་ལ་མིག་གིས་ཟུར་མདའ་འཕངས། ཁྱེད་ཀྱི་འཛུམ་མདངས་ནམ་ཡང་བརྗེད་ཐབས་མེད། ནམ་ཞིག་ལ་ཁྱེད་དང་ཨེ་འཕྲད་བསམ་ནས་རེ་ལྟོས་བྱས། དེ་ནས་བཟུང་ངས་མི་ཚེ་ཁེར་རྐྱང་དུ་རོལ། ཁྱོད་དྲན་དུས་མིག་མཐའ་མཆི་མ། ཁྱོད་མེད་པས་ཡིད་སེམས་སྟོང་བ། གླེང་འདོད་དུས་མགྲིན་པ་ནོངས་གི། ཐུག་བསམ་རུང་ཁ་ཐག་རིང་གི། དུང་སོ་སུམ་ཅུའི་བར་ནས་སྙིང་གཏམ་གླེང་འདོད། ཞེ་སྣང་བ་མཐུན་པའི་སྙིང་གི་བྱམས་པ་དྲན་གི། འུ་གཉིས་འཕྲད་པ་སྐྱེ་བ་སྔོན་མའི་ལས་འབྲས། ཞེ་སྣང་བ་མི་འགྱུར་རྡོ་རྗེ་བཞིན་ནོ།། ་་་ ་་་ སྡེ་ཆེན་གྲོང་ནས་ཁྱེད་ལ་མིག་གིས་ཟུར་མདའ་འཕངས། ཁྱེད་ཀྱི་འཛུམ་མདངས་ནམ་ཡང་བརྗེད་ཐབས་མེད། ནམ་ཞིག་ལ་ཁྱེད་དང་ཨེ་འཕྲད་བསམ་ནས་རེ་ལྟོས་བྱས། དེ་ནས་བཟུང་ངས་མི་ཚེ་ཁེར་རྐྱང་དུ་རོལ། ཁྱོད་དྲན་དུས་མིག་མཐའ་མཆི་མ། ཁྱོད་མེད་པས་ཡིད་སེམས་སྟོང་བ། གླེང་འདོད་དུས་མགྲིན་པ་ནོངས་གི། ཐུག་བསམ་རུང་ཁ་ཐག་རིང་གི། དུང་སོ་སུམ་ཅུའི་བར་ནས་སྙིང་གཏམ་གླེང་འདོད། ཞེ་སྣང་བ་མཐུན་པའི་སྙིང་གི་བྱམས་པ་དྲན་གི། འུ་གཉིས་འཕྲད་པ་སྐྱེ་བ་སྔོན་མའི་ལས་འབྲས། ཞེ་སྣང་བ་མི་འགྱུར་རྡོ་རྗེ་བཞིན་ནོ།། དུང་སོ་སུམ་ཅུའི་བར་ནས་སྙིང་གཏམ་གླེང་འདོད། ཞེ་སྣང་བ་མཐུན་པའི་སྙིང་གི་བྱམས་པ་དྲན་གི། འུ་གཉིས་འཕྲད་པ་སྐྱེ་བ་སྔོན་མའི་ལས་འབྲས། ཞེ་སྣང་བ་མི་འགྱུར་རྡོ་རྗེ་མདུད་པ་བཞིན་ནོ།། སྡེ་ཆེན་གྲོང་ནས་ཁྱེད་ལ་མིག་གིས་ཟུར་མདའ་འཕངས།
|
|
|