|
- 兰卡措 雪域仙女情 歌词
- 兰卡措
- གངས་ཀྱི་ལྷ་མོའི་བརྩེ་གླུ།
ནམ་མཁའ་མཚོ།
གདུང་སེམས་འོ་མའི་མདངས་ལྟར་དཀར་པའི་རི་སྒང་མེ་ཏོག་ལགས་ཡེ། བརྩེ་བ་ཚིག་གི་འདབ་མ་བྱེ་ནས་ཡིད་འོང་བུ་ཆུང་ལགས་ ཡེ། ང་ཡི་སེམས་པ་ཁྱེད་ལ་འཁྲེང་ན། འོ། དགའ་མཐུན་ལས་དབང་མཁའ་རུ་འཕུར་འགྲོ། བརྩེ་བ་རྟག་བརྟན་ཡོང་པའི་སྨོན་ལམ་ཞུ། འོ་འོ་་་ ཨེ་ ཡེ་བརྩེ་བ་རྟག་བརྟན་ཡོང་པའི་སྨོན་ལམ་ཞུ། འཛུམ་པའི་ཞལ་ཉམས་གདོང་ལས་གྲོལ་པའི་ཡིད་འོང་བུ་ཆུང་ལགས། ཡེ་ དུང་བརྩེ་ཟབ་མོ་སེམས་ལ་ཟུང་ནས་ཚེ་གྲོགས་བློ་ལ་འཁོར། གངས་ཀྱི་ལྷ་མོ་ཁྱེད་ལ་འཁྲེང་ན། ཡེ་ གཏན་དུ་མི་འགྱུར་དམ་བཅའ་བཞག་འགྲོ། མཛའ་མཐུན་སྐྱིད་མཐའ་རིང་པའི་སྨོན་ལམ་ཞུ། འོ་འོ་འོ་ མཛའ་མཐུན་སྐྱིད་མཐའ་རིང་པའི་སྨོན་ལམ་ཞུ། ཧོ་ཧོ་ རེད་ཡ་ ངས་ཁྱོད་ཟེར་ཡ། རང་གི་སེམས་ལ་ཡོད་པའི་བུ་ཆུང་ལགས། བུ་མོ་ང་ཡི་སེམས་པ་ཁྱོད་ལ་ཤོར་སོང་། ཧེ། ཁྱོད་ལ་དགའ་བའི་བུ་མོ་ང་ཡིས་ རེད་རེད། བརྩེ་བའི་གླུ་ཆུང་སྙན་མོ་འདི་ཁྱོད་ལ་ལེན་འགྲོ།
འོ་འོ་འོ། ཡེ་ཡེ་ཡེ། མཛའ་མཐུན་སྐྱིད་མཐའ་རིང་པའི་སྨོན་ལམ་ཞུ། མཛའ་མཐུན་སྐྱིད་མཐའ་རིང་པའི་སྨོན་ལམ་ཞུ།
|
|
|