|
- 贡尕达哇 白衣神 心善人 歌词
- 贡尕达哇
- རིམས་ནད་ལྕི་མོས་རྒྱལ་ཁམས་སྐོར་དུས། །
疫情蔓延国度时刻 ཚེ་སྲོག་བྱེ་མ་རླུང་གིས་བཅད་སོང་། ། 生命流沙一样凋零 རང་སྲོག་ཁ་གང་འབེན་དུ་བཙུགས་ཏེ། ། 用自己生命做标靶 མདུན་དུ་བསྐྱོད་པའི་དཔའ་བོ་རྣམས། ། 勇往直前的英雄们 བཀའ་དྲིན་ཆེ། གོས་དཀར་ལྷ། 感谢您 白衣神 ཐུགས་རྗེ་ཆེ། སེམས་དཀར་མི། 感恩您 心善人 རང་སྲོག་ཁ་གང་འབེན་དུ་བཙུགས་ཏེ། ། 用自己生命做标靶 མདུན་དུ་བསྐྱོད་པའི་དཔའ་བོ་རྣམས། ། 勇往直前的英雄们 གོས་དཀར་ལྷ། སེམས་དཀར་མི། 白衣神 心善人 སྨན་ཁང་གྲུ་བཞི་ངུ་འབོད་བཀང་སྟེ། ། 哭喊声弥漫了医院 མིག་ཆུ་ཐིགས་པ་ས་ལམ་བརྒྱུད་དུས། ། 脸颊低落眼泪时候 རང་སྲོག་སྙི་མོ་རྒྱང་ལ་དོར་ཏེ། ། 不顾自己珍贵生命 གཡུལ་ས་འགྲིམ་པའི་དཔའ་བོ་རྣམས། ། 勇敢逆行的英雄们 བཀའ་དྲིན་ཆེ། གོས་དཀར་ལྷ། 感谢您 白衣神 ཐུགས་རྗེ་ཆེ། སེམས་དཀར་མི། 感恩您 心善人 རང་སྲོག་སྙི་མོ་རྒྱང་ལ་དོར་ཏེ། ། 不顾自己珍贵生命 གཡུལ་ས་འགྲིམ་པའི་དཔའ་བོ་རྣམས། ། 勇敢逆行的英雄们 གོས་དཀར་ལྷ། སེམས་དཀར་མི། 白衣神 心善人 རྒྱལ་ཕམ་གཉིས་ཀྱི་ལམ་སོ་ཞིག་ནས། ། 决胜成败那个路口 ནད་ཡམ་འགོག་པའི་ཐབས་ལ་བརྩོན། ། 抗炎病毒去做斗争 ཤི་གསོན་བྱེ་མའི་ས་མཚམས་ཞིག་ལ། ། 生死离别地平线上 ཁྱོད་དང་ང་ཡི་ཆེད་དུ་ཕེབས་སོང་། ། 您为我们挺身而出 བཀའ་དྲིན་ཆེ། གོས་དཀར་ལྷ། 感谢您 白衣神 ཐུགས་རྗེ་ཆེ། སེམས་དཀར་མི། 感恩您 心善人 ཤི་གསོན་བྱེ་མའི་ས་མཚམས་ཞིག་ལ། ། 生死离别地平线上 ཁྱོད་དང་ང་ཡི་ཆེད་དུ་ཕེབས་སོང་། ། 您为我们挺身而出 གོས་དཀར་ལྷ། སེམས་དཀར་མི། 白衣神 心善人
|
|
|