|
- 索秀次仁尼玛 你不变就好 歌词
- 索秀次仁尼玛
- ཁྱོད་མ་འགྱུར་དེ་ཡིས་ཆོག
你不变就好
ཚིག ཡུལ་ཤུལ་ཁྱུང་པོ། 词:玉树琼宝 དབྱངས། སྡེ་དགེ་རྫོགས་ཆེན་དམངས་ཁྱོད། 曲:德格佐钦民间 ལེན་མཁན། སོག་ཤོད་ཚེ་རིང་ཉི་མ། 演唱:索秀次仁尼玛
ཁྱོད་ཡོད་ས་སྡེ་ཆེན་སྡེ་གྲོང་རེད།། 你安居在故土 ང་ཡོད་ས་སྡེ་བའི་སྡེ་མཐའ་རེད།། 而我在外漂泊 སྡེ་ཆེན་པོའི་ཁ་ཞེང་ཆེ་ན་ཡང་།། 虽故土之广阔 སེམས་བརྩེ་བ་མ་འགྱུར་དེ་ཡིས་ཆོག། 心若不变就好 སེམས་བརྩེ་བ་མ་འགྱུར་དེ་ཡིས་ཆོག། 心若不变就好
ཁྱོད་ཡོད་ས་ཆུ་བོའི་ཕར་ཁ་རེད།། 你在江河彼岸 ང་ཡོད་ས་ཆུ་བོའི་ཚུར་ཁ་རེད།། 我在河此岸 ཆུ་ཆེན་པོས་འགྲོ་ལམ་བཅད་ན་ཡང་།། 虽有江河相隔 ཡིད་དུང་བ་མ་གྲོལ་དེ་ཡིས་ཆོག། 情若不散就好 ཡིད་དུང་བ་མ་གྲོལ་དེ་ཡིས་ཆོག། 情若不散就好
ཁྱོད་ཡོད་ས་རང་ཡུལ་རང་སྡེ་རེད།། 你在故乡之土 ང་ཡོད་ས་གཞན་ཡུལ་ས་མཐའ་རེད།། 而我远走他乡 ལམ་སྐྱ་མོའི་ལམ་ཐག་རིང་ན་ཡང་།། 虽然路途遥远 ཁྱོད་མ་འགྱུར་ང་ལ་དེ་ཡིས་ཆོག། 你若不变就好 ཁྱོད་མ་འགྱུར་ང་ལ་དེ་ཡིས་ཆོག། 你若不变就好 ཁྱོད་མ་འགྱུར་ང་ལ་དེ་ཡིས་ཆོག། 你若不变就好 ཁྱོད་མ་འགྱུར་ང་ལ་དེ་ཡིས་ཆོག། 你若不变就好
|
|
|