|
- 白玛旦增 山南一日游 歌词
- 白玛旦增
- ཚིག པདྨ་བསྟན་འཛིན།
གདངས། པདྨ་བསྟན་འཛིན། ལེན་མཁན། པདྨ་བསྟན་འཛིན། ལྷོ་ཁར་སླེབས་སོང་། ཨ་མ་སྒྲོན་བྱས་ནས་སླེབས་སོང་། བསོད་ནམས་དཔལ་འཛོམས་འཕྲད་བྱུང་། ག་པར་འགྲོ་མཁན་ཡིན་ཟེར་གྱིས། ཡར་ལུང་གཙང་པོའི་ནང་ལ་གསེར་ཉ་མང་པོ་འདུག བསྐལ་བཟང་ཟམ་པའི་སྒང་ལ་བུ་མོ་མང་པོ། སྐྱག་རྫུན་མ་ཤོད། གང་ཡིན་སྲིད། ཨ་མ་སྒྲོན་མེད། ཅོག་ག་པར་འགྲོ་མཁན་ཡིན། གོང་པོ་རི་ལ་གོང་པོ་རི་ལ་ཕྱིན་པས། ད་སྤྲེའུ་བྲག་ཕུག་དངོས་སུ་མཇལ་བྱུང་། ད་སྤྲེའུ་ཁ་ཤས། ནང་མའི་ནང་ལ་སླེབས་བཞག ད་སྤྲེའུ་ཁ་ཤས། མཱ་ཅང་རྒྱག་གིས། ད་སྤྲེའུ་ཁ་ཤས། ར་བཟི་བྱས་བསྡད་བཞག ད་སྤྲེའུ་ཕྲུག་ཁ་ཤས། སོ་སོས་ཧ་གོ་གི་མིན་འདུག་བྱས། ད་སྤྲེའུ་ཁ་ཤས། ཨོ་་་་་ཡ་རེས་ཡ་ཨེ། ད་སྤྲེའུ་ཁ་ཤས། ཨོ་་་་་ཡ་རེས་ཡེ། ད་སྤྲེའུ་ཁ་ཤས། ཨོ་་་་་ཡ་རེས་ཡ་ཨེ། ད་སྤྲེའུ་ཁ་ཤས། ཨོ་་་་་ཡ་རེས་ཡེ།
དེ་ནས་ཡུམ་བུ་བླ་མཁར་ཡུམ་བུ་བླ་མཁར་ལ་ཕྱིན་པས། གཡག་དེ་བཞོན་ནས་རིའི་རྩེ་རུ་སླེབས་སོང་། གཡག་དེ་བཞོན་ནས་རིའི་སྒང་ལ་འཛེགས་དུས། ད་སྤོ་བོ་གཅིག་གིས་སྣང་བ་ཡོག་མ་རེད་སྒོར་མོ་ལྔ་རེད་ཟེར་གྱིས། རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་མཇལ་བྱུང་། གྲོང་ལ་སྔ་བ་འཕྱིང་བ་སྟག་རྩེ་མཐོང་བྱུང་། ཞིང་ལ་སྔ་བ་སྦར་རས་ལ་ཞིང་དང་། ཆོས་ལ་སྔ་བ་དཔག་ཀོང་ཕྱག་རྒྱ་འདུག ཝེ་ཝེ་ཝེ། མགྱོགས་ཙམ་མ་བྱས་ན་འཕྱོངས་རྒྱས་ཀྱི་མོ་ཊ་འགྲོ་མཁན་རེད་འདུག འཕྱོགས་རྒྱས་འཕྱོངས་རྒྱས་ལ་ཕེབས་ཤོག་ཕེབས་ཤོག ཨ་ཙི་འཕྱོངས་རྒྱས་འཕྱོངས་རྒྱས་འཕྱོངས་རྒྱས་ར་ཅིག་མ་གསུངས་དང་། ཟླ་བ་སྒྲོན་མའི་སྤྱན་གྱི་གཟིགས་ཕྱོགས་དྲན་བྱུང་། ཟླ་བ་སྒྲོན་མའི་ཞལ་རས་དྲན་པའི་དུས། ཨོ་ད་གཞས་གཅིག་མ་བཏང་ན་ཡོང་ཡས་མིན་འདུག ངའི་འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་སྤྱན་གྱི་གཟིགས་ཕྱོགས་དྲན་བྱུང་། ཨ་ནི་མི་ལྷོ་ཁ་བྱ་སྐྱ་ཀག་ཟེར་མཁན་དེ་ཅོག་ཁྱེད་རང་ཚོ་མ་རེད་པས། མི་དེ་ལྷོ་ཁ་བྱ་དེ་སྐྱ་ཀག་རེད་ཟེར། སྒོང་ང་གཅིག་གིས་ལྷ་ས་ལ་སྐོར་སོང་ཟེར། ཨ་ཙི་དེ་འདྲ་ར་ར་དེ་འདྲ་རང་ད་མ་གསུངས་དང་། སྒོང་ང་བརྒྱ་ཡིས་སྒོང་འབྲས་བཟོས་ནས་བཟའ་མཁན་ཡིན། ཧོ་་་་་ང་ཚོའི་ཕ་ཡུལ། ཧོ་་་་་ལྷོ་ཁ། ཧོ་་་་་ང་ཚོའི་ཕ་ཡུལ། ཧོ་་་་་ཨ་མ་སྒྲོན། ཧོ་་་་་ང་ཚོའི་ཕ་ཡུལ། ཧོ་་་་་ལྷོ་ཁ།
|
|
|