|
- 藏堂-逆賽人 ft NagPang 歌詞 藏堂 Quintino & Blasterjaxx
- 歌詞
- 專輯列表
- 歌手介紹
- Quintino & Blasterjaxx 藏堂-逆賽人 ft NagPang 歌詞
- 藏堂 Quintino & Blasterjaxx
- 混音:洛絨益西
VRSE:1 NagPang ལ་རྒྱ་ཁ་ལ་གཏགས་ཁེ་ཕན་ལྐོག་ལ་བསགས། གཞས་ནང་གི་གཞས་ཚིག་ དེ་ཚོ་སྤྲེལ་ལད་ཤ་རྟགས། སེམས་བཟང་ཤོད་མི་དེ་ང་ཚོ་རེད་ཟེར། ཡ་རབས་ཤོད་མི་དེ་ཡང་ང་ ཚོ་རེད་ཟེར། སེམས་ངན་རྒྱུན་དུ་བཅངས། རང་གི་སྤུན་ལ་ལྡངས། མེ་ལོང་ནང་གི་མི་དེ་རང་གི ་དཔང་རྟགས། ནང་མ་ཨར་ཁང་ཚན་ལ་བུ་མོའི་དོན་ལ་ར་བཟི་ར་བཟི་བཤད་གྲི་བཙུགས་མི་བསད། བྱེད ་དགོས་ཀྱིས་སྦྱངས་དགོས་ཀྱིས་འཇོན་དགོས་ཀྱིས་ཟེར་བཤད། བྱེད་དགོས་དུས་སྦྱངས་དགོས་འཇོན་དགོས་དུས་ནི་ཆད། བསྟོད་ར ་མ་གཏོགས་སྨད་ར་འགྲོ་ས་མེད་པའི་མིའི་རིགས་དེ་ཨ་ཧ་ཧ་ཤ་ཚ་ཚ། ངས་བྱས་ནའི་སད་རན་གཉིད་ སད་རན་རྨོངས་གཉིད་ནས་སད་རན། ངས་བྱས་ནའི་སད་རན་གཉིད་བསད་རན་རྨོངས་གཉིད་ནས་བསད་རན། ཕ་ཡུལ་ ལ་དགའ་པོ་ཡོད་ཟེར། ཆོས་ལ་དད་པ་ཡོད་ཟེར། ར་བཟི་ཡས་དེ་ཡང་འཛམ་བུ་གླིང་གི་ཆེད་དུ་ ཡིན་ཟེར། མི་དེ་ཚོའི་ཁ་ལ་ལས་རྒྱུ་འབྲས་མང་བ། ག་རེ་བཤད་ག་རེ་བྱས་ནའི་ཁོ་རང་ལས་ བཟང་བ་མེད་པ་གསལ་པོ་ཡིན་པ། ཁོའི་དམིགས་ཡུལ་གཙོ་བོ་དེ་རྒྱ་ལོར་བཀྲམས་དེའི་སྒང་ལ་རྒྱ་མོར་འཐམས། འཁྲམ་པ་ཁྱི་རྒན་མ་རབས་ཐ་ཤལ་ཆོས་ཁ་ལ་འཁྱེར་བྱས་ཕྱུག་པོ་ཆགས། ང་ཧངས་བསངས་ང་ཧ་ལས། མི་དེ་ཚོའི་གདོང་རྩལ་ལ་ཚད་མེད། ང་ཧང་བསངས་ང་ཧ་ལས། མི་དེ་ཚོ་འཇིག་བརྟེན་དེའི་སྲིན་ པོ་དང་ཁྱད་མེད། སྒ་ར་བཤས་པ་གཙང་མ་གཙོག་པའི་དབྱེ་བ་འབྱེད། འབྱོར་པ་དབུས་པ་སྐྱེ་ས་མཐོ་ དམན་དབྱེ་བ་འབྱེད། དེ་ལས་སོ་སོས་བསགས་པའི་དཀར་ནག་རྡེའུ་དེ་དབྱེ་བ་འབྱེད། བསད་རན་གཉིད་བསད་རན་ རྨོངས་གཉིད་ནས་བསད་རན། HOOK:1 ངོ་ཚ་མེད་པའི་མི་དེ་ཚོ་ག་ས་ག་ལ་མཐོང་ཡག་འདུག ལས ་དང་རྒྱུ་འབྲས་བཤད་ཀྱི་འདུག རང་གི་ཁེ་ཕན་སྒྲུབ་ཀྱི་འདུག སྒྲུང་བཤད་ཀྱིས་ཁོང་ཚོས་ཁོང་ཚོས་སྒྲུང་བཤད་ཀྱིས ། བཙུམས་བཙུམས་བཙུམས་ཟེར་ཉེས་བྲོ་གིས། VRESE:2洛絨益西 ཡ་རབས་ཅན་མི་རྒྱུད་ཡིན་ཟེར་ར་བཟི་བཤད ་ནས་བསྡད། ཨིམ་་་བྱམས་སེམས་ཅན་གྱི་ཆོས་མི་ཡིན་ཟེར་ཕ་མར་མིག་ལོག་བལྟས། རང་རིགས་ལ་བརྩི་མཁན ་གཞས་པ་ཡིན་ཟེར་ལ་རྒྱས་དངུལ་བསགས་བསྡད། ཨོ་་་ ཕ་སྐད་གཙང་མ་གཙོ་བོ་ཡིན་ཟེར་ར་མ་ལུག་སྐད་བཤད ། ལག་པའི་འཁོར་ལོ་བསྐོར་པ་ཙམ་དང་སངས་རྒྱས་ལ་པུས་མོ་བཙུགས་པ་ཙམ། ཁ་ལ་བཏགས་པའི་སྙིང་རྗེ ་སྟོང་པ། སེམས་དེ་རྒྱུ་དང་དབང་ལ་ཆགས། སྒྲུབ་འབྲས་ཆེ་བའི་མི་ཞིག་བྱེད་བསམ། དཀའ་ལས་མ་བརྒྱབ་འབྲས ་བུ་རེ་བསམ། བླ་མ་མཇལ་ས་ལུང་རྟེན་ཞུས་བྱས་མགྱོགས་ལམ་ཐོག་ལ་གོམ་པ་སྤོ་བསམ། ཨོ་་་མིའི ་རི་མོ་ནང་དང་སྟག་གི་རི་མོ་ཕྱི། བོད་ཡིན་ཟེར་ལག་པས་སྤགས་གཙང་མ་བརྫི། རྐང་པའི་འོག་ཏུ ་རྒྱུ་འབྲས་ཚད་མེད་པ་བརྫི། ཁྱད་མེད་པའི་ཁྱི། སྒོམ་མ་རྒྱག་བླ་མས་རྒྱ་ཡུལ་དུ་འགྲིམས། ཆོས་ མ་ཀློག་བཙུན་ཆུང་གྲོང་ཁྱེར་ལ་འཁྱམས། ལྐོག་ལྐོག་སུད་སུད་ཀྱིས་རང་དོན་སྒྲུབ། སངས་རྒྱས་ཀྱི་བསྟན་པ་སྣུབ། གཟུགས་མེད་པའི་གྲིབ་ནག་ཞིག་གང་ནས་ཡོང་སྲིད། སེམས་གཏད་སའི་ལྷ་མོ་བཞག ཆུང་མ་ཡང་འཁྲིད། ཡ་ རབས་དང་མ་རབས་དེ་སྤྱོད་པས་ཤེས། རང་ལུང་གང་ཡིན་ང་ཚོས་སྐད་ཐོག་ནས་ཤེས། བོད་ལ་རིག་གཞུང་ ཆེ་བ་ལྔ་ཆུང་བ་ལྔ་ཡོད། ཡང་དག་པ། ལྷད་མེད་པ། ཆ་ཚང་པ་ཡོད། ཡིན་ནའི་མཁོ་མེད་འདུག ཕན་མེད་འདུག གཏམ་འདོད་ཅན་གྱི་བླུས། གསར་གཏོད་གི་བསམ་བློ་མེད། རྗེས་ལུས་གནང་ཚུད། ཉིན ་མོ་གཉིད་ལ་ཉལ་མཁན་སྨད་འཚོང་མ། མཚན་མོ་མཚན་འགྲུལ་རྒྱག་མཁན་ར་བཟི་བ། མིག་ཞྭ་རའི་མིག་ཤེལ ་གྱོན་པའི་མིས། སྤྲིན་དཀར་པོའི་ཁ་དོག་མཐོང་ན་ཡ་མཚན་ཆེ། ང་ཚོས་གཞན་གྱི་ཐམས་ཅད་ལ་ཡིད་སྨོན ་བྱེད། ཆས་དང་ལུགས་སྲོལ་སོགས་ལ་ལད་མོ་བྱེད། ནུབ་ཕྱོགས་ཡུལ་དུ་བོད་ཡིག་བོད་ཆོས་དར། རང་ གིས་གཅེས་འཛིན་མ་བྱས་ཡ་རེ་མཚན། HOOK:2 ངོ་ཚ་མེད་པའི་མི་དེ་ཚོ་ག་ས་ག་ལ་མཐོང་ཡག ་འདུག ལས་དང་རྒྱུ་འབྲས་བཤད་ཀྱི་འདུག རང་གི་ཁེ་ཕན་སྒྲུབ་ཀྱི་འདུག སྒྲུང་བཤད་ཀྱིས་ཁོང་ཚོས་ཁོང་ཚོས ་སྒྲུང་བཤད་ཀྱིས། བཙུམས་བཙུམས་བཙུམས་ཟེར་ཉེས་བྲོ་གིས། 歌詞大意 言道義謀私利 歌詞寫的天花亂墜 為人處事不斷下墜 時刻不在揭人短 忘了鏡中人是誰 不知生命之可貴 黃金歲月在晃蕩 無知人乃視為悲 自高自傲悲上悲 花天酒地亂了性 自欺欺人入了夢 厚顏無恥之人 模仿聖賢之言 愛分貧富貴賤 不分青紅皂白
|
|
|