|
- 鬥本加 聖地故鄉 歌詞
- 才讓東珠 鬥本加
- ཕ་ས་ལག་མཐིལ་འདྲ་བོའི་ཤུར་ཞིག་ན། །
故鄉的水 ཆུ་མོ་རྟ་རྔ་འདྲ་ཞིག་འོད་ལམ་ལམ། ། 水波粼粼 ལྷ་ལ་མཆོད་ཁ་མི་ཡི་སྐོམ་ཁ་གསོས། ། 是供神養人之甘露 སྲིད་གསུམ་ཁམས་ལ་མཆོད་པ་ འདི་ལས་མེད། ། 尚若河水乾涸 ཆུ་མོ་རྟ་རྔ་འདྲ་བོ་སྐམ་སོང་ན། ། 有情眾生如何存活 མར་གྱུར་ འགྲོ་བའི་ཞལ་ལ་ཅི་ཞིག་གསོལ། ། 諸神若有神力 ལྷ་ཀླུ་མི་ལ་ནུས་མཐུ་གང་ཡོད་ན། ། 請給枯竭的流水 ལ་ལུང་ཆུ་མགོ་ཕྲ་མོ་སླར་གསོས་ཤིག ། 賦予永生的力量吧
མ་ས་བྲང་མགོ་འདྲ་བོའི་ སུལ་ཞིག་ན། ། 故鄉的草 རྩི་ཏོག་ཐར་མ་ཐོར་ཞིག་མགོ་ལྡེམ་ལྡེམ། ། 鬱鬱蔥蔥 ལྷ་ཡི་མནོལ་བསངས་ མི་ཡི་ན་བ་གསོས། ། 是養畜醫病之神藥 སྲིད་གསུམ་ཁམས་ན་སྨན་མཆོག་འདི་ལས་མེད། ། 尚若草木枯萎 རྩི་ཏོག་ཐར་མ་ཐོར་དེ་འཐོར་སོང་ན། ། 有情眾生如何存活 མར་གྱུར་འགྲོ་བའི་ན་ཚ་གང་གིས་གསོ ། ། 諸神若有神力 ལྷ་ཀླུ་མི་ལ་ནུས་མཐུ་གང་ཡོད་ན། ། 請給草木賦予 རྩྭ་རྩི་ལྗོན་ཤིང་ ཀུན་ཀྱི་སྲོག་གསོས་ཤིག ། 永生之活力吧
རང་ས་ཐོད་པ་འདྲ་བོའི་ངོས་ཞིག་ན། ། 故鄉的土 སྤང་ཐང་སེན་མོ་འདྲ་ཞིག་ལྗང་ཏིག་ཏིག ། 地一碧千里 ལྷ་ངོ་བསྟོད་ས་མི་སེམས་བསངས་ས་ཡིན། ། 是養我育我之地 སྲིད་གསུམ་ཁམས་ན་སྨོན་ས་འདི་ལས་མེད། ། 尚若故土貧瘠 སྤང་ཐང་སེན་མོ་འདྲ་ བོ་འཇིགས་སོང་ན། ། 我等鄉親如何存活 མར་གྱུར་འགྲོ་བའི་གནས་ཚང་གང་ལ་འཆའ། ། 諸神若有神力 ལྷ་ཀླུ་མི་ལ་ནུས་མཐུ་གང་ཡོད་ན། ། 請給故土賦予 ས་ཆེན་ཨ་མའི་ལུས་ལ་བཅུད་གསོས་ཤིག ། 永久的生命吧
|
|
|