|
- 索南曲珍 癡情的愛 歌詞
- 索南曲珍
- 作詞:色須·熱薩
作曲:康巴·西熱
ཆུང་བྱམས་པ་ཟེར་ན་མེ་ཏོག་ཡིན། ། 小情人是朵花兒, སྟོན་རྫ་ལུང་ནང་གི་སེར་ཆེན་ཡིན། ། 秋季山野的賽慶。 སྡེ་ཁྲ་བོའི་མིག་ལ་མཛེས་ན་ཡང་། ། 雖是村莊的愛慕, སྡེ་ཁྲ་བོའི་ལག་པ་ཁས་མྱོང་མེད། ། 但是誰也沒碰過。
ཆུང་བྱམས་པ་ཟེར་ན་གསེར་ཉ་ཡིན། ། 小情人是條魚兒, དབྱར་མཚོ་ཆེན་དཀྱིལ་ན་འཁྱུག་བཞིན་ ཡོད། ། 夏季大海裡游玩。 ངའི་བརྩེ་བ་དྭངས་གཙང་མཚོ་མོ་ཡིན། ། 我的愛戀是大海, ཆུང་གསེར་ཉ་ངེད་གཉིས་ལས་ཤིག་ཡིན། ། 我和金魚是有緣。
ཆུང་བྱམས་པ་ཟེར་ན་འདང་ཞིག་ཡིན། ། 小情人是一份愛, འདང་བརྩེ་བ་ཕར་བཞག་ཚུར་བཞག་ ཡིན། ། 彼此相親相愛的。 ལས་སྐྱིད་སྡུག་གཉིས་ཀྱི་སོ་མཚམས་ན། ། 悲喜命運的邊緣, ཆུང་བྱམས་པ་ངེད་གཉིས་འཚོ་བཞིན་ཡོད། ། 我和情人在生活。
ཆུང་བྱམས་པ་ཟེར་ན་སེམས་ཤིག་ཡིན། ། 小情人是一條心, བློ་གཏད་ས་ཅན་གྱི་སེམས་དེ་ཡིན། ། 是那條不變的心。 ཤི་སྔ་ཕྱི་ཡོད་ན་ལས་དབང་ཡིན། ། 死有前後是命運, སེམས་བརྩེ་བ་མི་འགྱུར་ཁོ་ཐག་ཡིན། ། 愛戀永遠不會變。
|
|
|