|
- 班措 我和奶奶的故事 歌詞
- 班措
- ཨ་ཕྱི་ལགས།
奶奶―― ལུས་རིན་ཆེན་ཁྱེད་ཀྱིས་གནང་བ་མིན་རུང་། ། 寶貴的生命雖然不是您給予的 ཐུགས ་བརྩེ་བའི་ཕྱག་གིས་ང་རང་གཉོར་མྱོང་། ། 但您曾恩寵地養育過我 དྲིན་མ་ལོའི་གསེར་ཞལ་མ་མཇལ་གོང་ལ། ། 未曾與母親謀面之前 གདོང་གཉེར་མའི་གང་བའི་ཨ་ཕྱི་ཁྱེད་མཐོང་། ། 初見滿臉皺紋的奶奶您
ཨ ་ཕྱི་ལགས། 奶奶―― སྦྲ་མཐིང་སྨུག་སྒོ་ཁའི་བསིལ་གྲིབ་འོག་ན། ། 在黑帳篷帳外陰涼處 ལག་ཐར་ འཁོར་བསྐོར་བའི་ཨ་ཕྱི་བགྲེས་མོས། ། 用手轉經的奶奶 གདན་བལ་དཀར་སྟེང་ན་ཐེ་གེ་རྩེད་པའི།། 在潔白的羊毛氈上玩節骨 ང་ཚ་བུ་ཁྲ་ཆུང་མིག་གིས་འཚོས་ཡོད། ། 孫兒目睹過那些時光
ཨ་ཕྱི་ལགས ། 奶奶―― གཡང་སྒྱེད་ཁའི་འོ་ཇ་ལྷོག་ལྷོག་ཁོལ་དུས། ། 燒開香甜滾燙的奶茶時 ཟས་སྦྲང་དཀར་རྩམ་ པ་བྲོ་ཁར་གནང་ཞིང་། ། 稍上可口美味的糌粑 རྒྱབ་པགས་རྩག་སྐེད་རགས་དམ་པོར་བཅིངས་ནས། ། 用腰帶系緊身披藏袍 ང་ཚ་བུ་གཡང་དཀར་ལུག་རྫིར་བསྐྱལ་མྱོང་། ། 送我去放牧
ཨ་ཕྱི་ལགས། 奶奶―― དགུང་ཕྱི་དྲོའི་གྲིབ་མ་རི་ལ་བརྒྱབ་དུས། ། 傍晚的陽光被山遮住時 གཡང་མ་བུ་འཕྲད་པའི་འབའ ་སྒྲའི་རྗེས་ཀྱི། ། 在羊群叫喊後 ལག་འུར་ཆ་བཟུང་བའི་ལུག་རྫི་ཚ་བོར། ། 手拿拋石器的牧羊孫兒 ཞལ་འཛུམ་གྱིས་ཁེངས་ཏེ་བསུ་མ་བྱས་མྱོང་། ། 滿面微笑的迎接過
ཨ་ཕྱི་ལགས། 奶奶— ནངས་སྔ་མོར་ལྷ་བསང་རི་ལ་གཏོང་དུས། ། 清晨向神山煨桑時 ལུས་འཁར་བར་ཁེན་པའི་ཨ་ཕྱི་མ་ལོས། ། 拄著拐杖的奶奶 འགྲོས་གོམ་ཁ་འཁྱར་འཁྱོར་དལ་མོའི་ངང་ནས། ། 步履蹣跚的走著 ང་ཚ་བུ་གར་འགྲོ ་སེམས་ཀྱིས་འཚོས་ཡོད། ། 孫兒用心感受過
ཨ་ཕྱི་ལགས། 奶奶―― མགོ་དབུ་སྐྲ་དུང་ལས་དཀར ་བོར་གྱུར་ཐལ། ། 在您滿頭白髮之前 མིག་མཆི་མས་གང་ནས་མཐོང་ལམ་བཀག་ཐལ། ། 淚水模糊了前行的路 ལོ་བརྒྱད་ཅུའི་སྐས་ཐེམ་འདི་ལ་ཐོན་རུང་། ། 步入八十高齡時 ང་ཚ་བུ་ད་དུང་ཐུགས་ནས་བསྐྱངས ་འདུག ། 您依然用心養育孫兒 ལོ་བརྒྱད་ཅུའི་སྐས་ཐེམ་འདི་ལ་ཐོན་རུང་། ། 步入八十高齡時 ང་ཚ ་བུ་ད་དུང་ཐུགས་ནས་བསྐྱངས་འདུག ། 您依然用心養育孫兒
|
|
|